Friday 22 July 2011



མཐུན་སྒྲིལ་གྱི་རང་སྒྲ།

བོད་པ་ཚོ་མཐུན་སྒྲིལ་གྱིས། ཨ་ཕའི་གདོང་གི་སྐྱོ་བ་བསམ་ན། 
བོད་པ་ཚོ་མཐུན་སྒྲིལ་གྱིས། མདོ་དབུས་ཁམས་གསུམ་མཐུན་སྒྲིལ་བྱོས་དང།

བོད་པ་ཚོ་མཐུན་སྒྲིལ་གྱིས། ཨ་མའི་སེམས་ཀྱི་མིག་ཆུ་བསམ་ན། 
བོད་པ་ཚོ་མཐུན་སྒྲིལ་གྱིས། ཁ་བ་བོད་པས་མཐུན་སྒྲིལ་བྱོས་དང།



ང་ཚོ་ནི་ཕ་མ་གཅིག་གི་མྱིང་སྲིང་ཡིན། མི་རིགས་ཤིག་གི་རྒྱུད་འཛིན་ཡིན། གདོང་དམར་བོད་པ་ཚོ།


བོད་པ་ཚོ་མཐུན་སྒྲིལ་གྱིས། སྐྱིད་སྡུག་འདྲེས་མའི་ལོ་ཟླ་བསམ་ན། 
བོད་པ་ཚོ་མཐུན་སྒྲིལ་གྱིས། སྟོད་སྨད་བར་གསུམ་མཐུན་སྒྲིལ་བྱོས་དང།

བོད་པ་ཚོ་མཐུན་སྒྲིལ་གྱིས། ཁ་བ་གངས་རིའི་མདུན་ལྗོངས་བསམ་ན།
བོད་པ་ཚོ་མཐུན་སྒྲིལ་གྱིས། ཕུ་ནུ་མང་སྲིང་མཐུན་སྒྲིལ་བྱོས་དང།


ང་ཚོ་ནི་སྟོད་ཕྱོགས་འབྲོག་གི་ཕྱུག་བདག་ཡིན། སྨད་ཕྱོགས་རོང་གི་ཞིང་བདག་ཡིན། གདོང་དམར་བོད་པ་ཚོ།
  

བོད་པ་ཚོ་མཐུན་སྒྲིལ་གྱིས། ངུ་མ་དགོད་ཀྱི་ལས་དབང་བསམ་ན། 
བོད་པ་ཚོ་མཐུན་སྒྲིལ་གྱིས། ཆོལ་ཁ་གསུམ་པོ་མཐུན་སྒྲིལ་བྱོས་དང།

བོད་པ་ཚོ་མཐུན་སྒྲིལ་གྱིས། རང་དབང་འཚོོ་བའི་བདེ་སྐྱིད་བསམ་ན། 
བོད་པ་ཚོ་མཐུན་སྒྲིལ་གྱིས། གཞོན་ནུ་ཕོ་མོ་མཐུན་སྒྲིལ་བྱོས་དང།


ང་ཚོ་ནི་དུས་རབས་གསར་བའི་ཕོ་ཉ་ཡིན། མ་འོངས་གངས་རིའི་བདག་པོ་ཡིན། གདོང་དམར་བོད་པ་ཚོ།

No comments:

Post a Comment