Friday 29 July 2011

༸གོང་ས་མཆོག་ནས་བོད་ཀྱི་ཟློས་གར་ཐོག་གསུང་དོན།། 
རང་ཚོ་བོད་ཀྱི་ཟློས་གར་དེ་ཆོས་དང་འབྲེལ་བ་ཞིག་ཆགས་ཡོད་རེད། ལྷག་པར་ང་རང་ཚོ་ད་ལྟའི་དུས་ཚོད་འདིར་བོད་མི་རིགས། རིག་གཞུང་དང་བཅས་པ་འཆི་གསོན་གྱི་མཚམས་ལ་སླེབས་པའི་དུས་ཚོད་འདིར་ང་རང་ཚོས་ཕྱོགས་གང་ས་ནས་སོ་སོའི་མི་རིགས་ཀྱི་རྣམས་པ་དེ་མ་ཡལ་བ་ཞིག་དང། སོ་སོའི་མི་རིགས་ཀྱི་རྣམ་པ་ཟིན་ཐུབ་པ་གཅིག་མི་ཐོག་ནས་མི་ཐོག་བྱས་ནས་རྒྱུན་འཛིན་ཐུབ་པའི་བསམ་བློ་གཏོང་དགོས་པ་རེད། དེའི་ནང་ནས་ཁྱེད་རང་ཚོ་ཟློས་གར་གྱི་རིག་གཞུང་དེ་གང་ལྟར་ཉམས་པ་སོར་ཆུད་དང། མི་ཉམས་གོང་འཕེལ་ཡོང་རྒྱུའི་ཐོག་ལ་ཁྱེད་རང་ཚོས་དངོས་ནས་དཀའ་ལས་བརྒྱབ། ཧ་ལམ་སོ་སོའི་མི་ཚེ་མང་བ་དེའི་ཐོག་ལ་བཏང་པ་འདི་ལ་སོ་སོས་ཀུན་སློང་ཡག་པོ་ཞིག་གི་ཐོག་ནས་བསམ་བློ་བཏང། དགོས་པ་རྒྱུ་མཚན་མཐོང་བའི་ཐོག་ནས་བསམ་བློ་བཏང་གི་ཡིན་ན། བོད་གངས་ཅན་ལྗོངས་ཀྱི་བསྟན་སྲིད་ཀྱི་ཞབས་འདེགས་བསྒྲུབ་ཡོད་པ་རེད།


ཕྱི་ལོ། ༡༩༩༦ ཟླ། ༣ ཚེས། ༢༥ ཉིན་བོད་ཀྱི་ཞོ་སྟོན་ཉིན་དང་པོར་བསྩལ་བའི་བཀའ་སློབ་ནས་དྲངས་པའོ།། 

No comments:

Post a Comment