Tuesday 23 August 2011

           བོད་ཀྱི་སྐད་ཡིག།།



ང་བོད་པའི་ཚེ་སྲོག་གི་སྙིང་པོ།

ང་མེད་ན་བོད་པ་སྲོག་དང་བྲལ་ལོ།

བོད་མིའི་བླ་སྲོག་བོད་ཀྱི་སྐད་ཡིག་ཡིན།

ང་ཚོ་ཚང་མས་བོད་སྐད་སྐྱོན་དང།





                       ཕ་མ་གཅིག་པའི་སྤུན་ཟླ་ལགས།

                       སྡོག་རྩ་ཆིག་སྒྲིལ་གནང་ནས་བོད་ཡིག་སྦྱོངས།

                       ཆོལ་ཁ་ཕྱོགས་རིགས་མེད་པར་བོད་ཡིག་སྦྱོངས།

                       ཕན་ཚུན་མཐུན་པོའི་ངང་ནས་བོད་སྐད་ཤོད།



                       རིན་ཆེན་གསེར་ལས་ལྷག་པའི་རང་སྐད་འདི།

                       ཐག་རིང་རྒྱང་དུ་བསྐྱུར་བ་མ་གནང་དང།

                       མི་དགོས་གད་སྙིགས་ནང་དུ་གཡུག་པ་མ་གནང།

                       རང་གི་སྲོག་ལས་གཅེས་པར་འཛིན་སྐྱོང་དགོས།།








No comments:

Post a Comment